4 ལོའི་ཟླ་...

Post on 17-Aug-2020

16 views 0 download

Transcript of 4 ལོའི་ཟླ་...

མི་དམངས་ཉིན་རེའི་ཚགས་པར།བོད་ཁུལ་གསར་འགྱུར།4 2019 ལོའི་ཟླ་ 7 ཚེས་ 6

今今

日日

内内

容容

第一版 第二版 第三版 第四版

内蒙古自治区兴安盟科右中旗巴彦敖包嘎查——风水好也离不开“吉祥三宝”

让整改落实真正到位

——论扎实开展“不忘初心、牢记使命”主题教育

胡春华强调着力促进农业稳定发展农民持续增收

一季度移动支付业务增长79.6%

乡村产业振

兴 “蓝图”更明

武汉将举办

全民健身运动会

比赛项目市民投

票确定

外交部回应美各界人士致特朗普公开信:对中美关系抱有信心

第30届世界大学生夏季运动会开幕

中国歌剧《拉贝日记》在德国开启欧洲巡演

文明使者和友谊桥梁

联非达团称赞中国维和部队为维护达尔富尔和平稳定做出巨大贡献

赞比亚简介

全国221名法援志愿者将赴中西部播撒“法治阳光”

拉萨自有气象记录以来首次入夏

四川阿坝小金县的“栅栏”被拆除了

ས་གནས། ལྷ་ས་རྡོ་སེང་གེ་ལམ་སྒོ་རྟགས། 36 སྦྲག་ཨང་། 850000 ཁ་པར་ཨང་གྲངས། 0891—6335974 ཁ་ས་ཚགས་པར་རྒྱག་དུས་ཆུ་ཚོད་4:00 བརྒྱབ་ཟིན་དུས་ཆུ་ཚོད་6:50

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ།ཁྲོན་ནུབ་ས་མཐོའི་མའེ་ལུང་གྲོང་ཚོ་ནི་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་གྲོང་ཚོ་ཞིག་རེད།སྤོབས་སེམས་ཀྱིས་ཁེངས་པའི་རོགས་སྐྱོར་ལས་བྱེད་པས་གྲོང་མིའི་སྣེ་ཁྲིད་ནས་སྣོད་བཅུད་ཡུལ་་སྐོར་འཕེལ་རྒྱས་གཏོང་དགོས་སྙམ་མོད། འོན་ཀྱང་གྲོང་མི་ཚོས་རི་ལྡེབས་སུ་ལྕགས་དྲ་བསྐོར་་་་་་ནས་ནོར་ལུག་འཚོ་བའི་བྱ་དཀའ་བྱེད་གཏད་ཀྱི་གནས་ཚུལ་ཞིག་འཕྲད།

དེ་སྔ་མའེ་ལུང་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་་་་་བཙན་ལྷ་རྫོང་གི་འགྲིམ་འགྲུལ་སྟབས་བདེ་མེད་པའི་གྲོང་ཚོ་ཞིག་ཡིན་པ་དང་། རྫོང་གྲོང་ནས་་་་བར་ཐག་སྤྱི་ལེ་50ཆོད་པ་དང་དུད་ཚང་116དང་མི་512ཡོད་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད། གནད་སྨིན་དབུལ་སྐྱོར་བྱེད་འགོ་ཚུགས་སྐབས་གྲོང་ཚོ་དེར་ཡིག་ཚགས་དང་གཱ་བཟོས་་་་་་་པའི་དུད་ཚང་31དང་མི་114ཡོད།

ཟླ་དྲུག་པའི་ཟླ་དཀྱིལ་དུ་མའེ་ལུང་གྲོང་ཚོར་གྲོང་སྡོད་རོགས་སྐྱོར་བྱེད་མཁན་ཁྲེང་ཏུའུ་་་་་་་གྲོང་ཁྱེར་ཤིན་ཅིན་རྫོང་ཡུང་ཧྲང་གྲོང་རྡལ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མུའུ་ཅན་པིན་སྔར་་་་བཞིན་གྲོང་ཚོའི“བོད་ཁྱིམ་སྤྲོ་སྐྱིད་ཁང”དུ་ལས་ལ་བྲེལ་བཞིན་མཆིས། ཁོང་གིས། དབུལ་སྒྲོལ་་འགག་སྒྲོལ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་བསྟུན་ནས། རི་ཁུག་ཏུ་གནས་་་་་་པའི་གྲོང་ཚོ་འདིར་རིམ་བཞིན་འགྱུར་ལྡོག་འགྲོ་འགོ་ཚུགས་པ་དང་གྲོང་མི་རྣམས་ཀྱི་བསམ་བློར་ཡང་འགྱུར་ལྡོག་འགྲོ་འགོ་ཚུགས། “ད་ཆ། གྲོང་མི་རྣམས་ཀྱིས་ལྕགས་དྲ་བཤིག་ནས་སྣོད་་་་་་་་་་་བཅུད་ཡུལ་སྐོར་གཉེར་བའི་ཧུར་བརྩོན་ཧ་ཅང་ཆེན་པོ་འདུག”ཅེས་བརྗོད།

མའེ་ལུང་གྲོང་ཚོའི་གྲོང་མི་རྣམས་ཀྱི་ཡོང་འབབ་གཙོ་བོ་འདེབས་འཛུགས་དང་གསོ་ཚགས་ལ་བརྟེན་དགོས་པ་དང་། 2018ལོའི་ཟླ་9པར་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་་་་་་གྲོང་མིའི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཕྱིར། མུའུ་ཅན་པིན་དང་གྲོང་ཚོའི་ཧྲུའུ་ཅི་་་་་་་་དང་པོ་ལི་ཁྲའོ་ཡིས་མའེ་ལུང་གྲོང་ཚོའི་རི་སྟེང་གི་དམར་དམག་ཐང་ལ་དམིགས་ནས་ལས་དོན་་་་སྤེལ་འགོ་ཚུགས།

དམར་དམག་ཐང་གི་ས་བབ་མཐོ་ཚད་སྨི་3000ཟིན་པ་དེ་རྩྭ་ཐང་ཡུག་མང་པོ་གཅིག་ཏུ་་་་་སྦྲེལ་ནས་ཡོད་པ་དང་མཐའ་བཞི་གངས་རིས་ཡོངས་སུ་བསྐོར། ས་གནས་ཀྱི་གྲོང་མིས། དམར་་དམག་རྒྱང་སྐྱོད་བྱེད་སྐབས་དེ་གར་སྒར་བཏབ་མྱོང་ཡོད་པས་དམར་དམག་ཐང་ཞེས་པའི་མིང་་ཐོགས་པར་བཤད། ལོ་རེའི་ཟླ་6དང་7པར་དེ་གའི་རི་ཀླུང་གང་སར་མེ་ཏོག་རབ་ཏུ་བཞད་ཀྱི་་་་་ཡོད། “སྣོད་བཅུད་ཡུལ་སྐོར་ལས་རིགས་ནི་ཐཱན་ཉུང་བའི་ཁོར་ཡུག་སྲུང་སྐྱོང་ཞིག་ཡིན་པས།

ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད”ཅེས་མུའུ་ཅན་པིན་གྱིས་བརྗོད།གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་རྗེས་་་་་

ཁོང་ཚོས་གྲོང་མི་སྐུལ་སློང་བྱས་ནས“བོད་ཁྱིམ་སྤྲོ་སྐྱིད་ཁང”གི་ཡུལ་སྐོར་གཉེར་འགོ་ཚུགས། འོན་་ཀྱང་ཐོག་མར་གྲོང་མི་ཚོས་དེའི་ཐད་ཧུར་བརྩོན་དེ་ཙམ་མ་བྱས་པས་ཁོང་ཚོ་ཡང་བྱ་དཀའ་བྱེད་་་་་་་་་གཏད་དུ་གྱུར།

གྲོང་མི་འགས་རང་ཁྱིམ་གྱི་ཕྱུགས་འཚོ་བར་ཤུགས་རྐྱེན་ཕོག་དོགས་བྱེད་པ་དང་། ཐ་ན་་་་་་ལྐོག་ཏུ་རི་སྟེང་དུ་ལྕགས་དྲའང་བསྐོར་ཡོད། དམར་དམག་ཐང་དུ་གྲོང་མི་དུད་ཚང་བདུན་་་་་་་་་བརྒྱད་ཙམ་གྱིས་ལྕགས་དྲ་བསྐོར་ཡོད་པ་དང་རྒྱ་ཁྱོན་ཆུང་ཤོས་ལའང་མུའུ་གཉིས་ཙམ་ཡོད།

“སྐབས་དེར་གེགས་བར་བྱུང་བའི་ཚོར་སྣང་བྱུང་། ངས་ངེས་པར་དུ་ཡུལ་མི་ཚོའི་སེམས་་་་དབུས་ཀྱི‘ལྕགས་དྲ’དེ་བཤིག་ནས་ཡུལ་སྐོར་གཉེར་གྱི་ཡིན། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད།ངས་སྙིང་སྟོབས་རབ་ཏུ་འཕེལ་བཞིན་ལས་ཀའི་བྱེད་ཕྱོགས་བསྒྱུར་ཏེ་གྲོང་མིའི་ཁྱིམ་དུ་བསྐྱོད་་་་་དེ། གྲོང་མི་ཚོར‘རྩིས’རྒྱག་རོགས་བྱས་པ་ཡིན”ཞེས་མུའུ་ཅན་པིན་གྱིས་བརྗོད།

“ཡུལ་སྐོར་བ་ཞིག་ཁྱིམ་དུ་ཟ་སྡོད་བྱས་པར་ཉུང་མཐར་ཡང་ཉིན་གཅིག་ལ་འཛད་སྤྱོད་་་་་་་སྒོར་200བྱེད་པ་དང་། ད་དུང་རང་ཁྱིམ་གྱི་སྔོ་ཚལ་དང་རི་སྐྱེས་ཤ་མོ་འཚོང་ཆོག”ཅེས་བཤད་པས་གཟའ་འཁོར་འགའ་ཤས་རྗེས་སུ་མུའུ་ཅན་པིན་གྱི“རྩིས་ཁྲ”རིམ་བཞིན་གྲོང་མི་ཚོས་དང་་་ལེན་བྱས།

དུས་རྒྱུན་དུ་མང་ཚོགས་དང་གཤིབ་པའི་རྐྱེན་གྱིས་ངོ་གདོང་ནག་ལ་གཟུགས་སྟོབས་ཆེ་་་་་་་བའི་མུའུ་ཅན་པིན་ལའང་གྲོང་མི་ཚོས“མུའུ་བཀྲ་ཤིས”ཞེས་བྱམས་བརྩེའི་ངང་འབོད་ཀྱི་ཡོད།“ང་ཚོས་རྩམ་པ་བཟས་ན་ཁོང་གིས་ཀྱང་ཟ་བ་དང་། ང་ཚོས་ཞིང་ལས་བྱས་ན་ཁོང་གིས་ཀྱང་་་་་བྱེད་ཀྱི་ཡོད་ལ། ཁོང་གིས་སྒོར་གཞས་ཀྱང་རྒྱག་ཤེས་ཀྱི་ཡོད། ཚང་མས་རྩེད་མོའི་ཚུལ་དུ‘མུའུ་བཀྲ་ཤིས’འདི་གར་ཁྱིམ་ཚང་བཙུགས་ཞེས་ཟེར་གྱི་ཡོད”ཅེས་གྲོང་མི་ཁོ་ཨན་ཡོན་གྱིས་་་་བརྗོད།

ཁོ་ཨན་ཡོན་གྱིས་ཨང་དང་པོར་རྩྭ་རའི་ལྕགས་དྲ་བཤིག་པ་དང་། ཁོ་པས་ལས་འགོ་་་་་་་་་་་་་བཙུགས་པས་གྲོང་མི་གཞན་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བྱ་སྤྱོད་སྤེལ་མཐར་་་་་་གྲོང་ཚོ་ཡོངས་ཀྱིས་དམར་དམག་ཐང་གི་ཡུལ་སྐོར་སྣེ་ལེན་དཔེ་སྟོན་དུད་ཚང་7གཏན་འཁེལ་་་་་བྱས་ཏེ། ཁོང་ཚོས་སྔོན་ལ་ཡུལ་སྐོར་སྣེ་ལེན་གྱི་ཚོད་ལྟ་བྱས། ལེ་ལག་ཚང་བའི་ཡུལ་སྐོར་ཐོན་་་་་ལས་འཕེལ་རྒྱས་གཏོང་ཕྱིར་མུའུ་ཅན་པིན་སོགས་ཀྱིས་ད་དུང་ཆེད་དོན་མ་དངུལ་བརྩོན་ལེན་

བྱས་ནས། ཡུལ་སྐོར་གསང་སྤྱོད་དང་། སྣོད་བཅུད་རླངས་འཁོར་འཇོག་ས། ལྗོངས་གཟིགས་སྒང་བཅས་བསྐྲུན་པ་རེད། འདི་ལོའི་ཟླ་ལྔ་པ་ཤར་ཚུན་ཡུལ་སྐོར་བ་བརྒྱ་ལྷག་འདི་གར་ཟ་སྡོད་་་བྱས་པ་མ་ཟད། ཡུལ་ཟོག་ཀྱང་ཉོས་ནས། ས་གནས་ལ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2ལྷག་བྱུང་ཡོད་པ་རེད།

མུའུ་ཅན་པིན་གྱིས་ཚོད་རྩིས་བྱས་པ་ལྟར་ན། འདི་ལོར་དམར་དམག་ཐང་གིས་ཡུལ་སྐོར་བ་་མི་ཐེངས་1000ཡས་མས་ལ་སྣེ་ལེན་ཞུས་ནས་ས་གནས་དེ་གར་ཡོང་འབབ་སྒོར་ཁྲི་20ཙམ་ཡོང་་་་རྒྱུ་ཡིན་པ་རེད། ས་གནས་དེ་གའི་གྲོང་མིས་ཡུལ་སྐོར་ཐོན་ལས་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད།དབུལ་སྐྱོར་ལས་བྱེད་པ་ཡོང་རྗེས་ཚང་མའི་བསམ་བློར་འགྱུར་ལྡོག་བྱུང་ནས། ལོ་བརྒྱ་ཕྲག་ལྷག་་་་ཙམ་གྱི་སོ་ནམ་གོམས་གཤིས་དང་བྱེད་སྟངས་ལ་ཡང་འགྱུར་ལྡོག་བྱུང་ཡོད་པ་རེད།

ད་ཆ། མའེ་ལུང་གྲོང་ཚོའི་དུད་ཚང་དབུལ་པོ་31ཚང་མ་དབུལ་སྒྲོལ་ཐུབ་ནས་གྲོང་ཚོ་་་་་་་་་ཧྲིལ་པོའི་དབུལ་ཞྭ་ཕུད་ཡོད་པ་དང་། འདི་ལོའི་ལོ་མཇུག་ཏུ། སི་ཁྲོན་བོད་རིགས་ས་ཁུལ་གྱི་་་་་་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་རྒྱུ་ཡིན་པ་རེད། དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལམ་བར་གྱི“ལྕགས་དྲ”ཚང་མ་བཤིག་ཡོད་པ་རེད།

སི་ཁྲོན་རྔ་པའི་བཙན་ལྷ་རྫོང་གི་འཕོ་འགྱུར།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་་་་་་འགོད་པས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་་་་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་6པ་ཚུན་དུ། བོད་ཀྱི་ས་གནས་ཁག་གི་དྲོད་་ཚད་མཐོ་ཤོས་སུ་སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་་་་་་་་་་བཏོད་ཡོད། ཟླ་6ཚེས་25ཉིན་ནས་ཚེས་29ཉིན་་་་་བར་ལྷ་སར་ཉིན་5བསྟུད་མར་དྲོད་ཚད་22℃ལྷག་ཙམ་ཟིན་ནས་རང་རྒྱལ་གྱི་གནམ་གཤིས་དུས་་་་་་་་་་་་ཚིགས་དབྱེ་བའི་དབྱར་དུས་ཀྱི་ཚད་གཞིར་སླེབས་་་་པ་དེ་ཐོག་ནས་ལྷ་སར་1955ལོ་ནས་གནམ་གཤིས་་ཀྱི་ཟིན་ཐོ་ཡོད་ཚུན་དབྱར་ཁའི་དྲོད་ཚད་མཐོ་ཤོས་་སུ་ཐེངས་དང་པོར་སླེབས་པ་མཚོན་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གནམ་་གཤིས་ལས་རིགས་ཀྱི་ཚད་གཞིའི《ནམ་ཟླའི་དུས་་་་་་ཚིགས་དབྱེ་འབྱེད》ནང་དུས་བཞིའི་ནམ་ཟླ་གསལ་་བའི་ཁུལ་གྱི་དུས་ཡུན་རིང་པོའི་ནམ་ཟླའི་དུས་་་་་་་་་་་ཚིགས་ཀྱི་དབྱེ་འབྱེད་ཚད་གཞིའི་ནང་གཏན་་་་་་་་་་་་་འབེབས་བྱས་དོན། ལོ་འཁོར་མོར་འགྱུར་ལྡོག་འགྲོ་བའི་ཆ་སྙོམས་དྲོད་ཚད་ཀྱི་ཨང་རིམ་ཁྲོད་ཉིན་5བསྟུད་མར་དྲོད་ཚད་22℃སམ་ཡང་ན་དེ་ལས་་་་་་་མཐོ་བ་ཡོད་ཚེ། དེ་མཚུངས་ཀྱི་དུས་ཡུན་རིང་པོའི་་ནམ་ཟླའི་དུས་ཚིགས་ཨང་རིམ་ཁྲོད་ཀྱི་དྲོད་ཚད་་་་་་་22℃སམ་ཡང་ན་དེ་ལས་མཐོ་བའི་ཉིན་དང་པོ་དེ་་དབྱར་འགོ་ཚུགས་པའེ་ཉིན་མོར་བརྩི་ཡི་ཡོད།

གནམ་གཤིས་ལྟ་ཞིབ་ཚད་ལེན་བྱས་པའི་་་་་་་་་་་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་6པར་

བོད་ཀྱི་ཆ་སྙོམས་དྲོད་ཚད་13.7℃ཟིན་ཏེ་རྒྱུན་་་་་་གཏན་གྱི་དྲོད་ཚད་ལས་1.3℃གྱིས་མཐོ་བ་ཡོད།ཟླ་6ཚེས་23ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་་་་ཉིན་རེའི་ཆ་སྙོམས་དྲོད་ཚད་22℃ལྷག་ཙམ་ཟིན་་་་པ་དང་། དེ་ཐོག་ནས་ལྷ་སར་དངོས་སུ་དབྱར་ཁ་་་་་ཤར་བ་དང་དབྱར་ཁ་ཤར་བའི་དུས་ཚོད་ནི་ཟླ་6ཚེས་23ཉིན་ཡིན་པ་མཚོན་ཡོད།

ཟླ་6ཚེས་24ཉིན་ལྷ་ས་དང་། གོང་དཀར།སྙེ་མོ། རྒྱ་ཚ་བཅས་ཀྱི་གནམ་གཤིས་ས་ཚིགས་་་་་་་་་་་བཞིའི་ཉིན་རེའི་དྲོད་ཚད་མཐོ་ཤོས་30.8℃དང་།31.0℃ 30.1℃ 32.6℃ བཅས་སོ་སོར་་་་་་་་ཟིན་ནས་ས་གནས་དེ་གར་གནམ་གཤིས་ཟིན་ཐོ་་་་་་་ཡོད་ཚུན་གྱི་དྲོད་ཚད་མཐོ་ཤོས་སུ་སླེབས་ཡོད།

བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་་་ཀྱི་ཀྲུའུ་རེན་གཞོན་པ་ཧྲེ་ལེ་ཡིས“གནམ་གཤིས་་་་་་་་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་་ཁག་གཅིག་གི་དྲོད་ཚད་དུས་ཐུང་ནང་དབྱར་དུས་་་ཀྱི་ཚད་གཞིར་སླེབས་སྲིད”ཅེས་བརྗོད་པ་དང་།ཁོང་གིས་ལྷ་སར་དུས་ཐུང་ནང་གནམ་གཤིས་་་་་་་་་་་་དབྱར་དུས་ཀྱི་ཚད་གཞིར་སླེབས་པའི་རྒྱུན་གཏན་་་་མིན་པའི་སྣང་ཚུལ་ཐོན་ཡོད་ཀྱང་ཡོངས་ཁྱབ་རང་་་བཞིན་ལྡན་མེད་པས་གནམ་གཤིས་དུས་ཚིགས་དབྱེ་འབྱེད་ལ་གཞིགས་ན། ལྷ་སར་སྔར་བཞིན་དབྱར་་་་དུས་ཀྱི་དྲོད་ཚད་དུ་སླེབས་མེད་ཅེས་ངོ་སྤྲོད་བྱས་པ་རེད། (པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་་་་་་་པད་ཆོས་ཀྱིས་ཞུས)

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ།“1+1”ཀྲུང་གོའི་་་་་་་་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་2019ལོའི་ལོ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཚེས་4ཉིན་མཚོ་་་་་་་་་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། གསར་་་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར།“1+1”བྱ་སྤྱོད་ལ་ལས་གཉེར་ཁྲིམས་རྩོད་པ་116དང་།སློབ་གྲྭ་ཆེ་མོ་བའི་དང་བླངས་པའམ་ཡང་ན་གཞི་རིམ་གྱི་་་་་་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་105དབུས་ནུབ་་་་་་་་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)13ཡི་རྫོང(ཆུས)156ལ་བསྐྱོད་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་་་་་་་་ཞུའི་ལས་དོན་སྤེལ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “1+1”བྱ་སྤྱོད་ཞེས་པ་ནི་ལས་གཉེར་ཁྲིམས་རྩོད་པ་གཅིག་དང་སློབ་གྲྭ་ཆེ་མོ་་་་་་བའམ་ཡང་ན་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་་་་

དོན་པ་གཅིག་ཆ་སྒྲིག་སྟེ། ཁོང་ཚོས་དབུས་ནུབ་རྒྱུད་ཀྱི་་་་་་་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་དུས་ཡུན་ལོ་གཅིག་་་རིང་གི་བཅའ་ཁྲིམས་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་་་་སྒྲུབ་གཉེར་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིགབཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིམས་སྐྱོང་་་་་་འཆད་ཁྲིད། ས་གནས་དེ་གར་བཅའ་ཁྲིམས་ཞབས་ཞུའི་་་་་ཤེས་ལྡན་པ་གསོ་སྐྱོང་། གདན་ཞུས་ལྟར་ཞབས་ཞུ་སྒྲུབ་་་་་་་ཡུལ་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བའི་འགན་འཁུར་བ་སོགས་རྣམ་གྲངས་ཀྱི་འགན་འཁྲི་འཁུར་ཡོད། “1+1”བྱ་སྤྱོད་ནི་ཁྲིམས་འཛིན་པུའུ་དང་། གུང་གཞོན་སྡེ་་་་་་་་་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་སི་དང་ཅུས་དང་ཚན་པ་་་བཅས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་བ་་་་དང་2009ལོ་ནས་བཟུང་ལག་བསྟར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལོ་་་་་

འཁོར་གྱི“1+1”བྱ་སྤྱོད་ཀྱིས་དབུས་ནུབ་རྒྱུད་ཀྱི་ཞིང་་་ཆེན(རང་སྐྱོང་ལྗོངས)15ཡི་རྫོང(ཆུས)189ལ་ཁྱོན་་་་་་ལས་གཉེར་ཁྲིམས་རྩོད་པ་140དང་སློབ་གྲྭ་ཆེན་མོ་་་་་་་་་་་བའམ་ཡང་ན་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་95བཏང་སྟེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་་་་་་་གཞི་སྣ་ཚོགས་6900ལྷག་ཙམ་སྒྲུབ་གཉེར་བྱས་པ་དང་།བཅའ་ཁྲིམས་བློ་འདྲི་བྱེད་མཁན་མི་ཐེངས་ཁྲི་11ལྷག་་་་་་་ཙམ་ལ་སྣེ་ལེན་ཞུས་པ། ཁྲིམས་ལུགས་དྲིལ་བསྒྲགས་་་་་་་་་་འཆད་ཁྲིད་ཐེངས་1320བྱས་པ། འགལ་ཟླ་དང་རྩོད་་་་་་གཞི་1375འདུམ་འགྲིག་བྱས་པ། ཐད་ཀར་ཕན་པ་ཐོབ་མཁན་མི་ཐེངས་ཁྲི་7ལྷག་ཙམ་ཟིན་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་3ལྷག་ཙམ་མི་ཕོག་པ་བྱས་པ་་་་་་་་རེད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་་་་ཞུས)

རྒྱལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པ་221དབུས་ནུབ་རྒྱུད་དུ་བསྐྱོད་དེ“ཁྲིམས་སྐྱོང་གི་འོད་སྣང”སྦྱིན་པ།

ལྷ་སར་གནམ་གཤིས་ཀྱི་ཟིན་ཐོ་ཡོད་ཚུན་དབྱར་ཁའི་དྲོད་ཚད་མཐོ་ཤོས་ལ་སླེབས་པ།

ཅང་སུའུ་ཡི་གྲོང་མི་ཁྲི་6.3གྱིས་གློག་རིན་སྐར་གསོག་གི་སྤྱི་ཕན་ལས་སྟེགས་བརྒྱུད་རྨ་སྟོད་རྫོང་གི་དགེ་སློབ་ཀྱི་མཚན་མོའི་དཔེ་ཀློག་གི་ཕུགས་འདུན་འགྲུབ་རོགས་བྱས་པ།

ཟླ་7ཚེས་4ཉིན། རྒྱལ་ཁབ་གློག་དྲ་ཅང་སུའུ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིས་མཚོ་སྔོན་རྨ་སྟོད་རྫོང་མི་རིགས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་དགེ་སློབ་ལ་སྟབས་བདེའི་འོད་ཤུགས་་་་་་་་་་་སྟེགས་སྒྲོན་900སྤྲད་པ་དང་། ད་ཐེངས་ཀྱི་གློག་རིན་སྐར་གསོག་གི་སྤྱི་ཕན་ལས་སྟེགས་ཀྱི་འོད་ཤུགས་སྟེགས་སྒྲོན་ཞལ་འདེབས་འབུལ་བའི་རྣམ་གྲངས་ནང་འཛད་སྤྱོད་པ་ཁྲི་6.34ཞུགས་པ་དང་།རིམ་རྩིས་བརྒྱབ་ན་གློག་རིན་སྐར་གསོག་ཁྲི་3818ཞལ་འདེབས་ཕུལ་བ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་20ལྷག་ཙམ་ཟིན་ནས་དབྱར་གསེང་རིང་འབྲོག་ཁུལ་དུ་ལོག་པའི་སློབ་མའི་མཚན་མོ་་་དཔེ་དེབ་ཀློག་སྐབས་ཀྱི་གློག་བཞུའི་གནད་དོན་ཐག་གཅོད་ཐུབ་ཅིང་། འདི་ནི་མཚོ་སྔོན་རྨ་སྟོད་རྫོང་མི་རིགས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ལུས་རྩལ་ཐང་དུ་རྒྱལ་ཁབ་གློག་དྲ་ཅང་སུའུ་ཞིང་ཆེན་་་་གློག་ཤུགས་ཚད་ཡོད་ཀུང་སིའི་གཞོན་ནུ་དང་བླངས་པས་སློབ་གྲོགས་ཚོར་འོད་ཤུགས་སྟེགས་སྒྲོན་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།

བོད་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་པ།ཉེ་ཆར། བོད་ཀྱི་ས་ཆ་ཁག་ཏུ་པད་ཁའི་མེ་ཏོག་རབ་ཏུ་བཞད་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དབྱར་ཉམས་

མངོན་ཞིང་། འདི་ནི་ཟླ་7ཚེས་2ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་ཤང་ནས་པར་བླངས་པའི་་་་པད་ཁའི་ཞིང་ཁ་ཡིན་པ།